86502
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། ལྟ་བའི་ཕྱག་རྒྱ་ནི། སྤར་ཁབ་ལས། རྒྱས་པའི་རྒྱུད་ལས། རང་བཞིན་ཕྱག་རྒྱ་ཆེན་པོ་ནི། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །རིགས་ལྔ་བདེ་གཤེགས་ཡབ་ཡུམ་གྱི། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཞེས་འབྱུང་ངོ་། །དེ་དག་དེ་ལྟར་གང་གིས་ཤེས་པ་ནི་ལྟ་བའི་ཕྱག་རྒྱའོ། །ཞེས་དང་། དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ལས། རྟོག་ཚོགས་ལྷ་ཡབ་ཡུམ་ཟུང་དུ་འབྲེལ་བར་ཡེ་ནས་གསལ་བས་ན་སྒྱུ་འཕྲུལ་དྲྭ་བ་མངོན་དུ་རྫོགས་པ་རྟོག་པ་ཐམས་ཅད་ལྷའི་ངོ་བོར་ཡེ་ནས་གནས་པ་རང་བཞིན་གྱི་ཕྱག་རྒྱ། དེ་ལྟར་རྟོགས་པ་ལྟ་བའི་ཕྱག་རྒྱ། ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |