86518

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྟ་བའི་སྒོ་ནས་འཇོག་པའི་བྱང་སེམས་ (1)
Part of speech མིང་ཚིག
Definition མདོ། དབུ་མ། ས་རབ་ཏུ་དགའ་བ་ཐོབ་པ་དེ་ནས་བཟུང་སྟེ། བྱང་སེམས་དེ་ནི་ཆོས་ཅན། དོན་དམ་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་སྒྲ་ཉིད་ཀྱིས་བསྙད་པར་བྱ་བ་ཡིན་ཏེ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ཐོབ་པར་གྱུར་པ་ཡིས། སོ་སོའི་སྐྱེ་བོའི་ས་ལས་འདས་པའི་སེམས་དཔའ་ཡིན་པའི་ཕྱིར་རོ། །ཞེས་པཎ་ཆེན་ཤཱཀ་མཆོག་གིས་དབུ་འཇུག་གནད་ཀྱི་ཊཱིཀ་ལས་གསུངས་སོ། །
Domain ཆོས་ལུགས།
ལྟ་བའི་སྒོ་ནས་འཇོག་པའི་བྱང་སེམས་ (2)
Part of speech མིང་ཚིག
Definition རྒྱུད་བླར་ཆོས་བཞི་ལས་ཐུབ་པའི་སྲས་འཁྲུངས་པར་གསུངས་པ་དང། འདིར་ཡང་ཆོས་གསུམ་ལས་རྒྱལ་བའི་སྲས་འཁྲུངས་པ་ལྟར་དེ་མཐོང་ལམ་ནས་སོ། །འགྲེལ་པར། སེམས་དེེ་ཐོབ་པ་ནི་རྣམ་པ་ཐམས་ཅད་དུ་སོ་སོ་སྐྱེ་བོའི་ས་ལས་འདས་པའི་གནས་སྐབས་སུ་བྱང་ཆུབ་སེམས་དཔའི་སྒྲ་ཁོ་ནས་བརྗོད་པར་བྱ་བ་ཡིན་གྱི་རྣམ་པ་གཞན་གྱིས་ནི་མ་ཡིན་ཏེ། དེའི་ཚེ་འཕགས་པ་ཡིན་པའི་ཕྱིར་རོ། །སེམས་སྐྱེད་ལ་ཀུན་རྫོབ་སེམས་སྐྱེད་དང་། དོན་དམ་སེམས་སྐྱེད་ཀྱི་ཐ་སྙད་གསུངས་ཀྱང་བྱང་སེམས་ལ་དེ་ལྟ་བུའི་ཐ་སྙད་མ་གསུངས་པའི་པྱིར་རོ། །འོ་ན་འགྲེལ་པར་དཀོན་མཆོག་སྤྲིན་གྱི་མདོ་དྲངས་པར། དོན་དམ་པའི་བྱང་ཆུབ་སེམས་དཔའི་ས་ནི་མ་ཐོབ་པ་ཡིན་ནོ། །ཞེས་པ་ཇི་ལྟར་ཞེ་ན་དེའི་ཚེ་དོན་དམ་པའི་སའི་ཁྱད་ཆོས་ཡིན་གྱི། བྱང་ཆུབ་སེམས་དཔའི་ཁྱད་ཆོས་མ་ཡིན་ཏེ། མཉམ་བཞག་གིས་བསྡུས་པའི་བྱང་ཆུབ་སེམས་དཔའི་ས་ཞེས་པ་བཞིན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་འཇུག་པའི་དཀའ་འགྲེལ་ལས་གསུངས་སོ། །