86525
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། ཐག་ལྟ་བས་གཅད་པ་ཁྱུང་ཆེན་པོ་ནམ་མཁའ་ལ་ལྡིང་བ་ལྟར་བཤད་པའི་ཚུལ་ནི། ཀུན་འདུས་རིག་པའི་མདོ་ལས། ཇི་ལྟར་ཁུང་ཆེན་མཁའ་ལྡིང་བ། །གཤོག་པའི་རྩལ་གྱིས་ནམ་འཕང་གཅོད། །ངམ་གྲོག་ཆུ་ཀླུང་མཐའ་ཡས་ཀྱང༌། །གཤོག་རླབས་འོག་ཏུ་ཀུན་ཆུད་ལྟར། །རྣལ་འབྱོར་མཉམ་ཉིད་མཁར་ལྡིང་བ། །ཐེག་པའི་སྤྱོད་སྒོ་མཐའ་ཡས་ཀྱང༌། །མཉམ་པ་ཆེན་པོའི་དོན་གྱིས་ནི། །ལྟ་འཕང་རླབས་ཀྱིས་ཐག་གཅོད་པའོ། །འདི་ནི་རེ་དང་དོགས་པ་ཡི། །ཐེ་ཚོམ་གཅོད་པའི་ལྟ་བ་སྟེ། །དོན་ལ་སེམས་ཀྱི་བལྟ་བ་སྟེ། །བསླབ་པ་འདི་དག་གོམས་པ་གཅེས། །ཞེས་གསུངས་པ་ལྟར་རྒྱས་པར་མདོ་དགོངས་པ་འདུས་པ་ལེའུ་དོན་གཉིས་པར་གསལ་ལོ། ། |
| Domain | ཆོས་ལུགས། |