86528

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྟ་བས་ཟིན་མ་ཟིན་ (1)
Part of speech མིང་ཚིག
Definition སྔགས། ལྟ་བས་མ་ཟིན་ན་སྒྱུ་མ་ལྟ་བུར་བློས་བཅོས་པ་ཙམ་ལས་ཇི་ལྟ་བའི་སྒྱུ་མ་ལྟ་བུའི་སྐུར་མི་འགྱུར་ཞིང། དེས་འཇིག་རྟེན་པའི་དངོས་གྲུབ་ཙམ་མ་གཏོགས་མཆོག་གི་དངོས་གྲུབ་ཐོབ་པར་ཡང་མ་བཤད་དོ། །ལྟ་བས་ཟིན་པར་བྱེད་པ་ནི། ལྟ་བ་ཁྱད་པར་ཅན་མངོན་གསུམ་དུ་གྱུར་པ་དག་ལ་ལྷའི་སྐུར་སྣང་ཙམ་ཉིད་ནས་ངེས་བཟུང་མེད་པའི་སྣང་བ་རང་རིག་ཏུ་འཆར་བས་གསར་དུ་ལྟ་བ་སྐྱེད་མི་དགོས་ལ། གཞན་ནི་ལྷའི་སྐུར་སྣང་ཆ་མ་འགགས་པར་ཉིད་ཀྱི་ངོ་བོ་ངོས་བཟུང་མེད་ཀྱང་རང་རིག་པ་སྣང་སྟོང་དབྱེར་མེད་དུ་བསྒོམ་པ་ཡིན་ཏེ། སྣང་བ་ལྷན་སྐྱེས་གཏན་ལ་ཕབ་པའི་ཚེ་སྣང་བ་མཐའ་དག་སྣང་ཆ་མ་འགགས་པར་སྣང་བཞིན་ངོས་བཟུང་མེད་པར་སྣང་སྟོང་རང་རིག་ཏུ་ངོ་སྤྲད་པ་ལྟར་རོ། །
Domain ཆོས་ལུགས།