86547

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྟ་སྒོམ་སྤྱོད་གསུམ་ (1)
Part of speech མིང་ཚིག
Definition མདོ། ནང་པའི་ཆོས་ལུགས་ཀྱི་ལྟ་བ་གཙོ་བོར་བཤད་པའི་མདོ་སྡེའི་སྡེ་སྣོད། ཏིང་ངེ་འཛིན་སྒོམ་ཚུལ་གཙོ་བོར་བཤད་པའི་མངོན་པའི་སྡེ་སྣོད། ཀུན་སྤྱོད་གཙོ་བོར་བཤད་པའི་འདུལ་བའི་སྡེ་སྣོད་བཅས་གཞུང་གསུམ་ལ་སྡེ་སྣོད་གསུམ་ཟེར།
Domain ཆོས་ལུགས།
ལྟ་སྒོམ་སྤྱོད་གསུམ་ (2)
Part of speech མིང་ཚིག
Definition སྔགས། ལྟ་བ་ནི་བསལ་བཞག་བློ་ལས་འདས་པ། བསྒོམ་པ་ནི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ལྷ་རུ་རྟོགས་པའི་གསལ་སྣང་དག་དྲན་ང་རྒྱལ་དང་བཅས་པ། སྤྱོད་པ་ནི་སྙིང་རྗེ་ཆེན་པོས་མ་རུངས་གདུག་ཅན་ཐབས་ཀྱིས་རྗེས་སུ་བཟུང་བའི་བསམ་སྦྱོར་གྱི་སྤྱོད་པ་དུང་ངེ་བ་ཡོད་དགོས་སོ། །