8656
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། ཐབས་ཁྱད་པར་ཅན་གྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་གཙོ་བོའི་སྦྱོར་བའི་མཚན་ཉིད་ཡིན། དབྱེ་ན་མི་གནས་པའི་སྦྱོར་བ། གནས་པ་བཀག་པའི་མི་སྦྱོར་བའི་སྦྱོར་བ། ཟབ་པའི་སྦྱོར་བ། གཏིང་དཔག་དཀའ་བའི་སྦྱོར་བ། ཚད་མེད་པའི་སྦྱོར་བ། ཚེགས་ཆེན་ཡུན་རིང་རྟོགས་པའི་སྦྱོར་བ། ལུང་བསྟན་ཐོབ་པའི་སྦྱོར་བ། ཕྱིར་མི་ལྡོག་པའི་སྦྱོར་བ། ངེས་པར་འབྱུང་བའི་སྦྱོར་བ། བར་ཆད་མེད་པའི་སྦྱོར་བ། བྱང་ཆུབ་ལ་ཉེ་བའི་སྦྱོར་བ། མྱུར་དུ་བླ་ན་མེད་པའི་བྱང་ཆུབ་པའི་སྦྱོར་བ། གཞན་དོན་གྱི་སྦྱོར་བ། འཕེལ་གྲིབ་མི་མཐོང་བའི་སྦྱོར་བ། དགེ་དང་མི་དགེ་སྟེ་ཆོས་དང་ཆོས་མིན་པ་སོགས་དོན་དམ་པར་མི་མཐོང་བའི་སྦྱོར་བ། གཟུགས་སོགས་བསམ་གྱི་མི་ཁྱབ་པ་མི་མཐོང་བའི་སྦྱོར་བ། རྣམ་པར་མི་རྟོག་པའི་སྦྱོར་བ། འབྲས་བུ་རིན་ཆེན་སྦྱིན་བྱེད་ཀྱི་སྦྱོར་བ། སྐྱོན་རྣམ་པར་དག་པའི་སྦྱོར་བ། ས་མཚམས་དང་བཅས་པའི་སྦྱོར་བ་དེ་དང་ཉི་ཤུ་ཡོད་དེ། གཟུགས་ལ་སོགས་ལ་མི་གནས་ཕྱིར། །དེ་ལ་སྦྱོར་བ་བཀག་པའི་ཕྱིར། །དེ་ཡི་དེ་བཞིན་ཉིད་ཟབ་ཕྱིར། །དེ་རྣམས་གཏིང་དཔག་དཀའ་བའི་ཕྱིར། །དེ་དག་ཚད་ནི་མེད་ཕྱིར་དང་། །ཚེགས་ཆེན་ཡུན་རིང་རྟོགས་པའི་ཕྱིར། །ལུང་བསྟན་ཕྱིར་མི་ལྡོག་ཉིད་དང་། །ངེས་བྱུང་བར་ཆད་མེད་བཅས་དང། །བྱང་ཆུབ་ཉེ་དང་མྱུར་བ་དང། །གཞན་དོན་འཕེལ་མེད་འགྲིབ་མེད་ཕྱིར། །ཆོས་དང་ཆོས་མིན་སོགས་མི་མཐོང། །གཟུགས་སོགས་བསམ་མི་ཁྱབ་མི་མཐོང་། །གཟུགས་སོགས་དེ་ཡི་མཚན་མ་དང། །དེ་ཡི་ངོ་བོ་རྣམ་མི་རྟོག།།འབྲས་བུ་རིན་ཆེན་སྦྱིན་བྱེད་དང། །དེ་ནི་དག་པ་མཚམས་དང་བཅས། །ཞེས་གསུང་པའི་ཕྱིར། |
| Domain | ཆོས་ལུགས། |