8657

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཙོ་བོར་འདོད་པའི་ཆོས་བཅུ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་བྱང་ཆུབ་སེམས་དཔའི་གཙོ་བོར་འདོད་པའི་ཆོས་བཅུ་སྟེ། བྱང་ཆུབ་སེམས་དཔའི་རིགས་ནི་རིགས་ཐམས་ཅད་ཀྱི་གཙོ་བོ་ཡིན་པ། དང་པོ་སེམས་བསྐྱེད་པ་ནི་ཡང་དག་པའི་སྨོན་ལམ་ཐམས་ཅད་ཀྱི་གཙོ་བོ་ཡིན་པ། བརྩོན་འགྲུས་དང་ཤེས་རབ་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་གཙོ་བོ་ཡིན་པ། སྙན་པར་སྨྲ་བ་ནི་བསྡུ་བའི་དངོས་པོ་ཐམས་ཅད་ཀྱི་གཙོ་བོ་ཡིན་པ། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་གཙོ་བོ་ཡིན་པ། སྙིང་རྗེ་ནི་ཚད་མེད་པ་རྣམས་ཀྱི་གཙོ་བོ་ཡིན་པ། བསམ་གཏན་བཞི་པ་ནི་བསམ་གཏན་ཐམས་ཅད་ཀྱི་གཙོ་བོ་ཡིན་པ། ཏིང་ངེ་འཛིན་གསུམ་གྱི་ནང་ན་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གཙོ་བོ་ཡིན་པ། སྙོམས་པར་ཞུགས་པ་ཐམས་ཅད་ཀྱི་ནང་ན་འགོག་པའི་སྙོམས་པར་འཇུག་པ་གཙོ་བོ་ཡིན་པ། ཐབས་ལ་མཁས་པ་ཐམས་ཅད་ཀྱི་ནང་ན་ནི་ཇི་སྐད་བསྟན་པའི་ཐབས་ལ་མཁས་པ་རྣམ་པར་དག་པ་གཙོ་བོ་ཡིན་པའོ། །
Domain ཆོས་ལུགས།