86583

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྟག་རྩ་ (1)
Part of speech མིང་ཚིག
Definition གཉའ་ལྟག་གི་རྩ་སྟེ། ག་པའི་མདུད་སྒོའི་སྟེང་ནས་གཡས་གཡོན་གཉིས་སུ་འཕྲེད་ལ་སོར་གསུམ་རེ་དང༌། དེ་ནས་གྱེན་དུ་སོར་གསུམ་གཞལ་བའི་སར་ཡོད་པའི་གཏར་རྩ་ཞིག་སྟེ་གཏར་ན་ཀླད་ཚད་དང༌། མཇིང་རེངས་སོགས་ལ་ཕན།
ལྟག་རྩ་ (2)
Part of speech མིང་ཚིག
Definition ཡོངས་གྲགས་སམ་མངོན་གསལ་མ་ཡིན་པར་རང་ལ་རོགས་ཕན་བྱེད་མཁན་ཏེ།
Example ལྟག་རྩ་ཡོད་ན་ལས་དོན་བསྒྲུབ་རྒྱུ་དེ་ཙམ་དཀའ་ངལ་མི་འདུག་ཅེས་པ་ལྟ་བུ།