86609

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྟར་ (1)
Part of speech མཚུངས་ཚིག
Definition འདྲ་བ་སྟེ།
Keyword True
Example རླུང་ལྟར་མགྱོགས། རྐུན་མ་ལྟར་འཇབས་ལྟ་བུ།
ལྟར་ (2)
Part of speech མཚུངས་ཚིག
Definition མཚུངས་གསལ་གྱི་སྒྲ་སྡེ་ཚན་དང་པོའི་གཉིས་པ་དཔེ་དོན་གསལ་བར་བྱེད་པ་སྟེ། དཔེ་དང་དཔེ་ཅན་གཉིས་ཕན་ཚུན་མཚུངས་པར་སྦྱོར་བྱེད་ཀྱི་ཚིག་གྲོགས་ཡིན།
Example རྒྱལ་དབང་ལྔ་པས། དྲི་ཟའི་རྒྱུད་མངས་སྒྲ་ལྟར་དབྱངས་ཅན་མའི། །སྙན་འགྱུར་གསུང་འདི་རྣ་བའི་དཔལ་དུ་འཇེབས། །ཞེས་པ་ལྟ་བུ།
Domain རྩོམ་རིག