86637

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྟུང་ཕྱིར་རྩོད་པ་ཞི་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བྱེ་བྲག་སྨྲ་བ། ལྟུང་ཕྱིར་རྩོད་པ་ཞི་བྱེད་ནི། པཎ་ཆེན་འདུལ་བ་ལས། ལྟུང་བ་རང་གི་ངོ་བོ་ཤེས་པའི་རྩོད་པ་ཞི་བྱེད་དང་། དེ་མི་ཤེས་པའི་རྩོད་པ་ཞི་བྱེད། གཉིས་སུ་ཡོད་ཅིང་། དང་པོ་ལ་གསུམ་ལས་ཕྱིར་འཕྲོ་བ་མེད་པའི་རྩོད་པ་ནི་ལྟུང་བ་ཁས་ལེན་པས་ཞི་བར་བྱེད། ཕྱིར་འཕྲོ་བ་ཉི་ཚེ་བ་དང་འབྲེལ་བའི་རྩོད་པ་ནི་མངོན་སུམ་གྱིས་ཞི་བར་བྱེད། དགེ་འདུན་མཐའ་དག་དང་འབྲེལ་བའི་རྩོད་པ་ནི་རྩྭ་བཀྲམ་པ་ལྟ་བུས་ཞི་བར་བྱེད། ལྟུང་བ་རང་གི་ངོ་བོ་མི་ཤེས་པའི་རྩོད་པ་ནི། ངོ་བོ་ཉིད་ཚོལ་བ་སྦྱིན་པས་ཞི་བར་བྱེད་པའི་ཕྱིར། རྩ་བཀྲམ་པ་ལྟ་བུའི་ཞི་བྱེད་ཀྱི་དོན་ཡོད་དེ། དགེ་འདུན་རྣམས་ཕན་ཚུན་འདུད་ཅིང་ལྟུང་བ་གླེང་བར་བྱེད་པ་དེ་དེ་ཡིན་པའི་ཕྱིར། ངོ་བོ་ཉིད་ཚོལ་བ་སྦྱིན་པའི་དོན་ཡོད་དེ། ལྟུང་བའི་ངོ་བོ་དྲན་པར་བྱ་བའི་ཆེད་དུ་ས་གཞན་ན་གནས་པའི་སྤྱོད་པར་གསོལ་བཞིའི་ལས་ཀྱི་སྦྱིན་པར་བྱ་བ་དེ་དེ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།