86641

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྟུང་བ་ཆུང་བ་ཉིད་སོ་ན་གནས་ཤིང་བཅས་པ་ཆེ་བར་གྱུར་པའི་ལྟུང་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་ཕ་མ་གང་རུང་གི་རྟེན་ལ་ལྟུང་བ་ཆུང་བ་ཞིག་སྐྱེས་ནས་མཚན་ལོག་པ་ན་སྔར་གྱི་ལྟུང་བ་རང་འཇགས་སུ་གནས་ཤིང་བཅས་པ་ཆེ་སོང་བའི་ལྟུང་བ་ཞིག དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཞན་ཡང་། ན་སྨད་པའི་དོན་གྱི་ཞེས་སོགས་ཀྱི་མདོས། ལྟུང་བ་ཆུང་བ་ཉིད་སོ་ན་གནས་ཤིང་བཅས་པ་ཆེ་བར་གྱུར་པ་གཅིག་བསྟན་པ་ཡིན་ཏེ། དགེ་སློང་ཕ་གཉིས་ཁྲི་གཅིག་གི་སྟེང་དུ་ཤ་ཐང་རེག་སྟེ་ཉལ་ནས་ཉེས་བྱས་ཀྱི་སྦྱོར་བ་བྱེད་བཞིན་པའི་ཚེ་གཉིས་ཀ་མཚན་གྱུར་ན་བཅས་པ་ཆེར་སོང་ཀྱང་ལྟུང་བ་ཉེས་བྱས་བསྐྱེད་པ་ཉིད་སོ་ན་གནས་པར་བསྟན་པའི་ཕྱིར། བཅས་པ་ཆེར་སོང་བའང་ཡིན་ཏེ། དགེ་སློང་མས་བུད་མེད་ལ་རེག་ན་ལྟུང་བྱེད་བསྐྱེད་པར་བཅས་པ་མཛད་པ་ཡིན་པའི་ཕྱིར། དེ་ཡང་། རྒྱ་ཆེར་འགྲེལ་ལས། མཚན་གྱུར་པའི་དབང་གིས་ན་ལྟུང་བ་ལྷག་པ་ནི་ན་སྨད་པ་ཉིད་དུ་འགྱུར་གྱི་ན་སྨད་པ་ནི་ལྷག་པ་ཉིད་དུ་མི་འགྱུར་རོ། །ཞེས་གསུངས།
Domain ཆོས་ལུགས།