86644

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྟུང་བ་དག་པར་བྱེད་པའི་རྒྱུ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལྟུང་བ་དག་པར་བྱེད་པའི་རྒྱུ་དེ་ལ་ལྔ་ཡོད་དེ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། འོ་ན། ལྟུང་བ་དག་པར་བྱེད་པའི་རྒྱུ་དེ་ལ་དུ་ཡོད་པ་ཡིན་ཞེ་ན། ལྔ་ཡོད་དེ། མིང་རིགས་ཀྱི་སྒོ་ནས་ཕྱིར་བཅོས་པ། མཐར་བརྩལ་བས་རྐྱེན་མ་འབྱོར་བ་དང་། མཚན་གྱུར་པ་དང་། དགྲ་བཅོམ་པའི་གོ་འཕང་ཐོབ་པ་དང་། སྟོང་ཉིད་སྒོམ་པ་རྣམས་སུ་ཡོད་པའི་ཕྱིར། མཚན་གྱུར་པ་དེ་ལྟུང་བ་དག་བྱེད་ཡིན་ཏེ། རེག་ཕམ་རྒྱུད་ལྡན་གྱི་དགེ་སློང་མ་མཚན་གྱུར་པའི་ཚེ་ལྟུང་བ་དེ་ཉམས་ཞིང་ཞིག་པ་ཡིན་པའི་ཕྱིར་ཏེ། ཞིང་མ་ཡིན་པ་ཉིད་ལ་ནི་ཉམས་སོ་ཞེས་པའི་མདོ་ལས་སོ། །ཁ་ཅིག དེ་མི་འཐད་དེ། སླར་མཚན་གྱུར་པའི་ཚེ་ཟློག་པའི་ཕྱིར་ཟེར་བ་མི་རིགས་ཏེ། དེ་ལྟར་ན་དེའི་ཚེ་རེག་ཕམ་མེད་པ་མི་འཐད་པར་ཐལ། སླར་མཚན་གྱུར་པའི་ཚེ་ཟློག་པའི་ཕྱིར། མཚུངས་སོ། །གཉིས་པ་བསྡུས་དོན་ལ་གཉིས་ཡོད་དེ། བསམ་པའི་སྒོ་ནས་ཕྱིར་བཅོས་པ་དང་། སྦྱོར་བའི་སྒོ་ནས་དག་པར་སྒྲུབ་པ་གཉིས་ཡོད་པའི་ཕྱིར། དང་པོ་ལའང་བཞི་ཡོད་དེ། ཉེས་པ་སྔ་མ་ལ་འགྱོད་སེམས་དང་། ཕྱི་མ་ལ་སྡོམ་སེམས་དང་། ད་ལྟ་ཕྱིར་བཅོས་པར་འདོད་པ་དང་། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་དང་ལྡན་པ་རྣམས་དགོས་པའི་ཕྱིར། དེ་ཡང་མདོར། བསམ་པས་ལྟུང་བ་ལས་ལྡང་གི་ཆད་པའི་ལས་ཀྱིས་ནི་མ་ཡིན་ནོ་ཞེས་གསུངས། ཞེས་གསུངས།
Domain ཆོས་ལུགས།