86645

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྟུང་བ་དངོས་གཞི་བཤགས་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལྟུང་བ་བཅབས་ཉེས་བཤགས་པའི་རྗེས་སུ་ལྟུང་བ་དངོས་གཞི་བཤགས་པ་ནི། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། ལྟུང་བ་བཅབས་ཉེས་བཤགས་པའི་རྗེས་སུ་ལྟུང་བ་དངོས་གཞི་བཤགས་པ་ལའང་གཉིས་ཡོད་དེ། བཤགས་ཡུལ་གྱི་གྲངས་དང་། ལྷག་མ་དང་ཕམ་པ་ཕྱིར་བཅོས་ཚུལ་གཉིས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཕམ་པའི་སྡེར་གཏོགས་པའི་སྦོམ་པོ་ལྕི་བ་དགེ་སློང་དྲུག་གི་མདུན་དུ་དང་། ལྷག་མའི་སྡེར་གཏོགས་ཀྱི་སྦོམ་པོ་ལྕི་བ་དགེ་སློང་ལྔའི་མདུན་དུ་བཤགས། ཕམ་པའི་སྡེར་གཏོགས་པའི་སྦོམ་པོ་ཡང་བ་དགེ་སློང་བཞིའི་མདུན་དུ་དང་། གཞན་རྣམས་དགེ་སློང་རེ་རེའི་མདུན་དུ་བཤགས་པར་བྱ་བ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།