86647
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བྱེ་བྲག་སྨྲ་བ། ཉེས་ལྟུང་བྱུང་བ་རྣམས་ཕྱིར་ཉེས་མེད་དུ་བཅོས་པའི་གཞི་དེ་ལ་དངོས་སོགས་དྲུག་ཡོད་པ་སྟེ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དང་པོ་ལ་དྲུག་ཡོད་དེ། ཕྱིར་བཅོས་ཀྱི་གཞི་དངོས་དང་། དུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞི་དང་། ས་གཞན་ན་གནས་པ་སྤྱོད་པའི་གཞི་དང་། ཡོངས་སུ་སྦྱོང་བའི་གཞི་དང་། ལས་བྱེ་བའི་གཞི་དང་། འཁོར་ལོ་བྱེ་བའི་གཞི་རྣམས་སུ་ཡོད་པའི་ཕྱིར། དང་པོ་ལའང་གཉིས་ཡོད་དེ། རང་མི་སྤྲོ་བ་ནན་ཏུར་གྱི་སྒོ་ནས་ཕྱིར་བཅོས་ཚུལ་དང་། རང་སྤྲོ་བ་མཐོལ་བཤགས་ཀྱིས་སྒོ་ནས་ཕྱིར་བཅོས་ཚུལ་གཉིས་རྣམས་སུ་ཡོད་པའི་ཕྱིར། དང་པོ་འཆད་པ་ལ། མདོར། གཞི་མ་ཞི་བར་ཤེས་ནས་གླེང་བ་པོས་སོ་སོར་ཤེས་པར་བྱས་ཤིང་མངོན་སུམ་དུ་འཇོག་པ་ལ་ནན་ཏུར་གྱི་ལས་བྱའོ་ཞེས་སོགས་གསུངས། དོན་བཤད་དུ་ཡོད་དེ། ནན་ཏུར་གྱི་དབྱེ་བ། བསྡུ་བ། མཚན་ཉིད། ནན་ཏུར་སྔོན་འགྲོའི་བྱ་བ་ལ་མདོར་བསྡུས་སྦྱར་བ། རྗེས་ཀྱི་བྱ་བ་ལ་མདོར་བསྡུས་སྦྱར་བ། ནན་ཏུར་གང་ལྟུང་བའི་རྒྱུར་འདྲ་བར་བསྟན་པ། ནན་ཏུར་གྱི་སྒྲ་བཤད་པ། ནན་ཏུར་ཇི་ལྟར་བྱ་བའི་ཚུལ་རྣམས་སུ་ཡོད་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |