86655

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྟུང་བ་བཤགས་པ་བྱ་བའི་སྔགས་ཚིག་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་འདི་ལྟ་བུ་བྱུང་སྟེ། བདག་དགེ་སློང་མི་འདི་ཞེས་བགྱི་བའི་ལྟུང་བ་དེ། ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ་འཆགས་སོ། མི་འཆབ་བོ། མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། མ་འཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ལན་གསུམ་དུ་བཟླས། ཡུལ་གྱིས་སྨྲས་པ། ལྟུང་བ་མཐོང་ངམ། འཆགས་པ་པོས་སྨྲས་པ། མཐོང་ངོ་དང་། ཕྱིན་ཆད་སྡོམ་མམ་སྡོམ་མོ། །ལན་གསུམ་དུ་བཟླས། ཐབས་ཡིན་ནོ། །ལེགས་སོ། །ཞེས་གསུངས་པ་འདི་ཡིན་ནོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།