8666

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཙོ་སེམས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས། གཙོ་བོ་སེམས་ཀྱི་མཚན་ཉིད་ནི། དོན་གྱི་ངོ་བོ་ཙམ་རིག་པའི་ཤེས་པ་དེ་ཡིན་ཏེ། དབུས་མཐའ་ལས། དེ་ལ་དོན་མཐོང་རྣམ་པར་ཤེས། །ཞེས་དང། མཛོད་ཀྱི་འགྲེལ་བཤད་དུ། ཙམ་ཞེས་བྱ་བ་ནི་བྱེ་བྲག་སེལ་བའི་དོན་ཏེ། དོན་གྱི་ངོ་བོ་ཙམ་རིག་གི་ཁྱད་པར་མ་དམིགས་སོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དང་། གཙོ་བོ་སེམས་དང་ཡིད་དང་རྣམ་པར་ཤེས་པ་གསུམ་ནི་མཐའ་གཅིག་ཏུ་དོན་གཅིག་ཡིན་ཏེ། སེམས་དང་ཡིད་དང་རྣམ་ཤེས་རྣམས་དོན་ཅིག་ཅེས་གསུངས་པས་དེ་ལྟར་དུ་བསྟན་པའི་ཕྱིར་རོ། །ཞེས་གསུངས་སོ། །
Domain ཆོས་ལུགས།