86677
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། བཅའ་བའི་བྱེ་བྲག་གིས་ལྕི་བ་ནི། བསླབ་པའི་གཞི་བཅས་པ་ལས་སོ། ། དངོས་པོའི་བྱེ་བྲག་གིས་ལྕི་བ་ནི། ལྟུང་བྱེད་དུ་འདྲ་བ་ལས་སྲོག་གཅོད་པ་ལ་སོགས་པ་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་ནི། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ལས་བྱེ་བྲག་ཏུ་གྱུར་པའོ། ། ཉེས་པའི་བྱེ་བྲག་གིས་ལྕི་བ་ནི། ལ་ལ་ཡང་དང་ཡང་དུ་ལྟུང་བ་འབྱིན་པའོ། ། ཉོན་མོངས་པའི་བྱེ་བྲག་གིས་ལྕི་བ་ནི། ལ་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཀུན་ནས་དཀྲིས་པ་ཤིན་ཏུ་དྲག་པོས་ལྟུང་བ་འབྱིན་པའོ། ། མི་ཤེས་པའི་བྱེ་བྲག་གིས་ལྕི་བ་ནི། ལ་ལ་དགེ་བའི་ཕྱོགས་ཆུང་བ་དང་། ཤེས་རབ་ཞེན་པ་དེ་ལ་ནི་ལྟུང་བས་ཆེས་ཤིན་ཏུ་སྒྲིབ་པར་འགྱུར་བ་སྟེ། དེ་ལས་བཟློག་པ་ནི་གཞན་ལ་ནི་བཅས་པ་དང་འདྲ་བ་དང་། དངོས་པོ་དང་འདྲ་བ་དང་། ཉེས་པ་དང་འདྲ་བ་དང་། ཉོན་མོངས་པ་འདྲ་བ་ལ་ཡང་ལྟུང་བས་སྒྲིབ་པར་མི་བྱེད་དོ། །འདི་ལྟ་སྟེ། དཔེར་ན་ཆུ་འབབ་པ་ཆུང་ངུ་ནི་རྩྭ་ཙམ་གྱིས་ཀྱང་དག་པར་ནུས་ལ། རྩྭ་ཙམ་ཡང་དེད་པར་མི་ནུས་ཀྱི། ཆུ་འབབ་པ་ཆེན་པོ་ནི་རྩྭ་ཁུར་དང་ཤིང་ཁུར་གྱིས་ཀྱང་དགག་པར་མི་ནུས་ལ། རྩྭ་དང་ཤིང་མང་པོ་ཡང་དེད་པར་ནུས་པ་བཞིན་དུ། འདི་ལ་ཡང་ཚུལ་དེ་བཞིན་དུ་བལྟ་བར་བྱའོ། ། དུས་ཀྱི་བྱེ་བྲག་གིས་ལྕི་བ་ནི། ལ་ལ་ལྟུང་བ་བྱུང་ནས་མྱུར་བ་མྱུར་བ་ཁོ་ནར་ཆོས་བཞིན་དུ་ཕྱིར་གསོ་བར་མི་བྱེད་པར་དུས་གཞན་དུ་ཡོངས་སུ་གནས་ནས་གསོ་བར་བྱེད་པའོ། །ལྟུང་བ་ཡང་བ་ནི་དེ་དག་ལས་བཟློག་པར་རིག་པར་བྱའོ། ། |
| Domain | ཆོས་ལུགས། |