8669

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཙོད་ (1)
Part of speech མིང་ཚིག
Definition འོ་འཐུང་རྩྭ་གཟན་རིགས་ཀྱི་རི་དྭགས་ཤིག་སྟེ། གཟུགས་ཆེ་ཆུང་ཕལ་ཆེར་དགོ་བ་ཙམ་ལ་སྐེ་དང་རྐང་ལག་རིང་ཞིང་སྤུ་མདོག་སྐྱ་བ་དང༌། མཇུག་མ་ཐུང་བའི་ཕྱི་ཡུལ་ནག་ཅིང་ནང་ངོས་སྐྱ་བ། རྣ་བ་ཆུང་ཞིང་དྲང་པོར་ཡོད་པའི་ནང་སྤུ་དཀར་བ། མིག་ཆེ་ཞིང་སྒོར་བའི་མཐའ་དཀར་བ། ལུས་སྤྱིའི་སྤུ་མདོག་གྲོ་གྲོ་རྩུབ་ཅིང་ཐུང་ལ་གཞུང་ནག་ཅིང་སྤུ་ཚགས་དམ་པོ་ལྡན་པ། བྲང་གཞུང་དང་གསུས་པ་རིམ་བཞིན་སྐྱ་བ་དང༌། སུག་བཞིའི་སྤུ་ཡང་གཞན་ལས་དཀར་བ་ཡོད། ཕོ་ལ་རྭ་ནག་པོ་ཕྲ་བ་རིང་ཐུང་ཧ་ལམ་ཁྲུ་གང་ལྷག་ཙམ་ཡོད་ཅིང༌། དེ་ལ་གཉེར་མ་འབུར་མ་ཚིགས་འདྲ་བ་མང་པོ་ཡོད་ལ་རྭ་རིམ་བཞིན་ཕྲ་རུ་ཕྱིན་པའི་རྩེ་ལ་གཉེར་མ་མེད་པ་འཇམ་པོ་ཡིན། མོ་ལ་རྭ་མེད་ཅིང་གཟུགས་ཀྱང་ཕོ་ལས་ཅུང་ཆུང་ཞིང་གདོང་སྐྱ་ལ་ལུས་ཀྱི་སྤུ་འཇམ་ལ་དཀར་བ་ཡིན། རྭ་དཀར་པོ་ཡིན་པའི་གཙོད་ཀྱང་གཟུགས་ཆེ་ཆུང་དང་དབྱིབས་སོགས་རྭ་ནག་པོ་དང་ཁྱད་པར་མེད་ཅིང་མགོ་དང་མིག སྣ་གདོང་བཅས་ཅུང་ཟད་ཆེ་ཞིང་ལུས་ཀྱི་སྤུ་མདོག་ཁམ་སེར་ཡིན། རྭ་དཀར་པོ་རིང་ཐུང་ཕལ་ཆེར་དགོ་བའི་རྭ་ཙམ་ལ། དེ་ལས་ཅུང་ཟད་སྦོམ་ཞིང་འཇམ་པར་གཉེར་མ་འབུར་དུ་དོན་ཡོད། གཙོད་རྭ་དཀར་པོ་ཅན་དེ་རིགས་རྒྱུན་དུ་མི་མེད་ལུང་སྟོང་གི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་སྟེང་དུ་ཁྱུ་བྱས་ཏེ་གནས་ཤིང༌། དགུན་དུས་རླུང་དང་གྲང་ངར་ཆུང་བའི་ལུང་པའི་རྩྭ་ཆུ་བཟང་སར་སྡོད་པ་དང་། ཐང་ཆེན་དུ་འགྲོ་བར་དགའ་ཞིང་ལ་ཆེན་པོའི་སྒང་དུ་འགྲོ་བ་ཉུང༌། ཟས་སུ་རྩྭ་ལྡུམ་གྱི་རིགས་ཟ་བ་ཡིན་པའོ། །
Keyword True