86699

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྟུང་བར་གྱུར་པའི་རང་བཞིན་ཁ་ན་མ་ཐོ་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། མཚན་ཉིད་ནི། བསྙེན་པར་རྫོགས་པའི་རྒྱུད་གྱི་བཅས་པ་དང་འགལ་བའི་ལྟུང་བ་གང་ཞིག ལྟུང་བ་ཁྱོད་ཀྱི་དུས་ཀྱི་ཀུན་སློང་ཉོན་མོངས་པ་ཅན་གྱིས་ངེས་པར་བྱེད་དགོས་པའོ། །དབྱེ་ན་གཉིས་ཏེ། རང་བཞིན་དང་འབྲེལ་བའི་བཅས་པ་དང་བཅས་པ་རྐྱང་པ་ཅན་ནོ། །དང་པོ་ནི། སྲོག་གཅོད་ཕམ་པ་ལྟ་བུའོ། །གཉིས་པ་ནི། མེ་ལ་རེག་པའི་ལྟུང་བྱེད་ལྟ་བུའོ། །པཎ་ཆེན་ཤཱཀ་མཆོག་གི་འདུལ་མདོའི་སྣང་བྱེད་ཉི་མའི་ཤིང་རྟ་ལས་སོ། །
Domain ཆོས་ལུགས།