86702
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། གཡུང་དྲུང་སེམས་དཔའ་འམ་ཐེག་ཆེན་ལམ་པ་རྣམས་ཀྱི་ལྟུང་པ་དང་སྒྲིབ་པ་སྦྱང་ཐབས་ཀྱི་ཆོ་ག་ཞིག་ཡིན། དེ་ཡང་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་གསུངས་ཏེ། སྟོན་པ་ཕུན་ཚོགས་ནི་སྟོན་མཆོག་གཤེན་རབ་མི་བོ་སྟེ། གནས་ཕུན་ཚོགས་ནི་འོལ་མོ་ལུང་རིང་ཞེས་གངས་ཅན་བོད་ཀྱི་གནས་གྱུར་གངས་རྒྱལ་ཏི་སེའི་ཕྱོགས་སུ་ཡིན། དུས་ཕུན་ཚོགས་ནི་འདི་ཞེས་ངོས་གཟུང་བྱེད་པ་དཀའ་འོ། །འཁོར་ཕུན་ཚོགས་ནི་ཚངས་པ་གཙུག་ཕུད་གཙོས་པས་གཡུང་དྲུང་སེམས་དཔའ་བཅས་ཡིན། བཀའ་ཕུན་སུམ་ཚོགས་པ་ནི་ལྟུང་བ་བཤགས་པའི་ཆོ་ག་ངན་སོང་དོང་སྤྲུག་གཡུང་དྲུང་སེམས་དཔའི་མདོ་ཞེས་པ་འདི་ཡིན་ནོ། །ཆོ་གའི་བྱེད་སྒོ་སོགས་ནི་ཕྱི་རྒྱུད་ཆོ་ག་དང་མཐུན་ནོ། །གཏེར་མ་ཡིན་ཏེ་མི་འགྱུར་གསང་སྔགས་གྲགས་པས་གཏེར་རུ་བཞེས་པར་བཀའ་འགྱུར་བརྒྱུད་རིམ་ལས་གསུངས་པས་སོ། ། |
| Domain | ཆོས་ལུགས། |