86706
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ལྟུང་བ་ལ་མ་ཞུགས་པར་བཅས་པ་ཚུལ་བཞིན་ན་དུ་བསྲུངས་པའི་ཕན་ཡོན་ཞིག་ལ་འཇོག དེ་ཡང་པཎ་ཆེན་འདུལ་བ་ལས། ལྟུང་བས་མ་གོས་པར་བྱས་ཏེ་བསྲུངས་པའི་ཕན་ཡོན་ཡོད་དེ། བམ་པོ་ལྔ་བཅུ་པ་ལས། ཚུལ་འཆལ་གྱིས་ཡིད་གདུང་བའི་འགྱོད་པ་མེད་པའི་སྒོ་ནས་ཆོས་ཐོབ་པར་འགྱུར་བ་དང་། དེའི་སྒོ་ནས་འཆི་བའི་དུས་བྱེད་པར་འགྱུར་བ་དང་། ཕྱོགས་ཕྱོགས་སུ་སྙན་གྲགས་ཀྱིས་ཁྱབ་པར་འགྱུར་བ་དང་། བདེ་བར་གཉིད་ལོག་པར་བྱེད་པར་འགྱུར་བ་དང་། གཉིད་ལོག་པའི་ཚེ་ལྷ་རྣམས་ཀྱིས་བསྲུང་བར་འགྱུར་བ་དང་། སྡིག་པས་འཇིགས་པ་དང་དངངས་པ་མེད་པར་འགྱུར་བ་དང་། དགྲ་བོ་དང་མི་མ་ཡིན་པ་རྣམས་ཀྱིས་མི་གནོད་ཅིང་ཕན་འདོགས་པར་འགྱུར་བ་དང་། ཆོས་གོས་ལ་སོགས་པ་ཚེགས་ཆུང་ངུས་ཐོབ་པར་འགྱུར་བ་དང་། སྨོན་ལམ་ཡང་དག་པར་འགྲུབ་པར་འགྱུར་བ་རྣམས་སོ། །ཞེས་གསུངས། |
| Domain | ཆོས་ལུགས། |