86707

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྟུང་བྱེད་ (1)
Part of speech མིང་ཚིག
Definition མཐོ་བའི་གནས་ནས་མར་ཟག་པར་བྱེད་པའི་རྒྱུ་རྐྱེན་ལ་གོ །
ལྟུང་བྱེད་ (2)
Part of speech མིང་ཚིག
Definition ལོ་མ་སྟེ། ལོ་མ་རྣམས་བསྐམས་ན་ས་ལ་ལྟུང་བས་ནའོ། །
Type མངོན་བརྗོད།
ལྟུང་བྱེད་ (3)
Part of speech མིང་ཚིག
Definition མདོ། འདུལ་བ། མཚན་ཉིད་ནི། ལྟུང་བ་དངོས་གཞི་རྫོགས་པ་ཡིན་ཞིང་རང་གི་ངོ་བོའི་ཆ་ནས་ཆོ་ག་བརྗོད་ཚུལ་ལྟུང་བྱེད་ཀྱི་མིང་རིགས་བརྗོད་པས་ཚུལ་བཞིན་དུ་ཕྱིར་བཅོས་ན་འདག་ཏུ་རུང་བའོ། །ལྟུང་བྱེད་ཀྱི་སྒྲ་བཤད་པ་ནི། ངན་སོང་དུ་ལྟུང་བར་བྱེད་པས་ན་ལྟུང་བྱེད་ཅེས་བྱ་སྟེ་ལྟུང་བ་སྡེ་ལྔ་ཐམས་ཅད་ཀྱི་ངན་སོང་དུ་ལྟུང་བར་བྱེད་ཀྱང་འདི་ནི། སྤྱི་མིང་བྱེེ་བྲག་ལ་བཏགས་པའོ། །ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། པཎ་ཆེན་ཤཱཀ་མཆོག་གིས། དེའི་རྒྱུད་ཀྱི་བཅས་པ་དང་འགལ་བའི་ལྟུང་བ་གང་ཞིག ལྟུང་བྱེད་མིང་རིགས་ཀྱིས་ཕྱིར་བཅོས་བྱས་ན་དག་ཏུ་རུང་བའོ། །དབྱེ་ན་སྤང་བའི་ལྟུང་བྱེད་དང། ལྟུང་བྱེད་འབའ་ཞིག་པའོ། །ཞེས་འདུལ་མདོའི་སྣང་བྱེད་ཉི་མའི་ཤིང་རྟ་ལས་གསུངས་སོ། །
Domain ཆོས་ལུགས།