8679
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི། རབ་བྱུང་བཅོ་ལྔ་བའི་ཤིང་སྦྲུལ་ཕྱི་ལོ་ ༡༩༠༥ ལོར་བླ་རི་མགུལ་ནས་སྐུ་འཁྲུངས། དགུང་ལོ་བདུན་སྟེང་གདན་སར་བཀོད། པཎ་ཆེན་རིན་པོ་ཆེ་དང་བསེ་བློ་བཟང་འཕྲིན་ལས་རྒྱ་མཚོ་རྣམ་གཉིས་ཀྱི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་བཞེས་པ་ནས་བཟུང་གོང་མའི་གདན་ས་ལེགས་པར་བསྐྱངས། ཕྱི་ལོ་ ༡༩༥༨ ལོ་ནས་བཟུང་མདོ་སྨད་ཡོངས་རྫོགས་དམར་པོའི་དབང་བསྒྱུར་འོག་ཚུད་སྐབས་དམ་པ་འདི་ཉིད་ཀྱང་ཉེས་མེད་ཉེས་འགེལ་གྱིས་བཙོན་འཇུག་བྱས་པ་སོགས་སྐུ་ངལ་ཚད་མེད་བྱུང་སྟེ། མཐར་ཕྱི་ལོ་ ༡༩༦༨ དགུང་ལོ་དྲུག་ཅུ་རེ་བཞི་བར་ལན་ཀྲུའི་བཙོན་ཁང་ནས་དགོངས་པ་རྫོགས། |