8681
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གསུམ་པའི་ཤིང་འབྲུག་ཕྱི་ལོ་ ༡༧༨༤ ལོར་མདོ་སྨད་གཙོས་འབྲོང་ལྕེར་ཡབ་འབྲུག་གེ་དང་། ཡུམ་ཡི་དམ་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། གཞོན་དུས་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། བསྡུས་གྲྭ་ནས་གཞུང་བཀའ་པོད་ལྔ་ལ་ཡང་དག་པར་སྦྱངས། རྡོ་རམས་པའི་དམ་བཅའ་གྲུབ་རྗེས་རྒྱུད་གྲྭར་ཞུགས། སྔགས་གཞུང་ཕྱག་ལེན་བཅས་པ་ལེགས་པར་སྦྱངས། སྔགས་ཀྱི་དམ་བཅའ་དཔེ་མེད་ཐོན། ཞེ་གཅིག་པར་ཚོགས་ཆེན་ཞལ་ངོར་བཞུགས། ཞེ་བདུན་པར་དུས་འཁོར་གྱི་ཁྲིར་ཕེབས། དཔལ་དུས་ཀྱི་འཁོར་ལོའི་འཆད་ཉན་ལོ་གསུམ་བསྐྱངས། ང་བཞི་པར་བྲག་དཀར་ཁྲིར་ལོ་གཉིས་བཞུགས། ང་དྲུག་པར་བླ་བྲང་རྒྱུད་པའི་ཁྲིར་ལོ་གཉིས་བཞུགས། ང་བརྒྱད་པ་རབ་བྱུང་བཅུ་བཞི་པའི་ལྕགས་གླང་ཕྱི་ལོ་ ༡༨༤༡ ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲིར་བཞུགས། གདན་ས་ལོ་གཉིས་རིང་བསྐྱངས། གདུང་མདུན་སྤྱན་འདྲེན་ཁྲུས་གསོལ་གྱི་རྒྱུན་བཙུགས། ཁྲི་ཟུར་ནས་ཀུན་མཁྱེན་བླ་མར་སྐུ་གསུང་ཐུགས་རྟེན་དང་། ན་བཟའ་ཉེར་སྤྱད། དུང་དཀར་ཆ་གཅིག བྱི་རུ་ཉིས་བརྒྱ། དངུལ་སྲང་བརྒྱ། དོང་ཙེ་ཁྲོན་བརྒྱ། རས་བརྒྱ། གོས་ཕྲུག་བདུན་སོགས་ཀྱི་དངོས་འབུལ་མཛད། འདུ་ཁང་ཆེན་མོར་བཟང་གོས་ཀྱི་གནམ་ཡོལ་དང་། ངོ་མཚར་ལྷ་ཁང་དུ་ཐུབ་སྐུ་སྦྱོར་འཇགས་གནང་། དགུང་ལོ་དྲུག་ཅུ་ཐམ་པ་རབ་བྱུང་བཅུ་བཞི་པའི་ཆུ་ཡོས་ ༡༨༤༣ ལོར་སྐུ་གཤེགས། བླ་བྲང་དགོན་པའི་གདན་རབས་སོ་དགུ་བ་ཡིན། |