86889
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དེའི་རྒྱུད་ཀྱི་བཅས་པ་དང་འགལ་བའི་ལྟུང་བ་གང་ཞིག ལྟུང་བྱེད་འབའ་ཞིག་པའི་མིང་གི་དེ་བྱས་ན་དེར་རུང་བའོ། །དབྱེ་ན་ཐུན་མོང་བ་བདུན་ཅུ་རྩ་གཉིས། དགེ་སློང་མ་ལ་ཐུན་མོང་མ་ཡིན་པ་བརྒྱ་དང་བཅོ་བརྒྱད་དོ། །ཞེས་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་འདུལ་མདོའི་སྣང་བྱེད་ཉི་མའི་ཤིང་རྟ་ལས་སོ། ། བསྙེན་པར་རྫོགས་པའི་རྒྱུད་ཀྱི་དངོས་གཞིའི་ལྟུང་བྱེད་འབའ་ཞིག་པ་གང་ཞིག ངོ་བོའི་ཆ་ནས་དབྱུང་བས་ཁྱོད་ལས་སློང་དུ་རིགས་ཡིན་པ། ཡང་ན་གང་ཞིག་ངོ་བོའི་ཆ་ནས་སྤང་ལྟུང་ལས་ཡང་ཞིང་ཉེས་བྱས་ལས་ལྕི་བའི་རིགས་ཡིན་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་འདུལ་བའི་སྤྱི་དོན་ལས་སོ། ། |
| Domain | ཆོས་ལུགས། |