86906
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ལྔ་ཕྲུགས་ཉེར་གཅིག་གི་ནང་ཚན་ཞིག དེའི་ཡན་ལག་དང་གོ་དོན་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། ལྟུང་ཤེས་ཀྱི་ལྔ་པ་ཡོད་དེ། བསྟན་ཚུལ་གྱི་དབང་དུ་བྱས་ན། ལྟུང་བ་དང་ལྟུང་བ་མ་ཡིན་པ་དང་། ཡང་བ་དང་ལྕི་བ་ཉིད་མངོན་པར་ཤེས་པ་ཉིད་དང་། སོ་སོ་ཐར་པ་དང་རྒྱས་པ་ཐོན་པ་ཉིད་དོ། །ཞེས་པའི་མདོས་བསྟན་ཅིང་། བསྟན་དོན་ཡང་། ལྟུང་བ་མངོན་པར་ཤེས་པ་དང་། ལྟུང་བ་མ་ཡིན་པ་མངོན་པར་ཤེས་པ་དང་། ཡང་བ་མངོན་པར་ཤེས་པ་དང་། ལྕི་བ་མངོན་པར་ཤེས་པ་དང་། སོ་སོ་ཐར་པ་དང་། ལུང་རྒྱས་པ་བློ་ལ་ཁ་ཏོན་དུ་ཐོན་པ་རྣམས་ཡིན་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |