8697
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། དྲི་བའི་ལན་བཞིའི་ནང་གསེས་ཐ་མ་སྟེ། དེ་ནི་དྲི་བ་ལ་ལན་མི་གདབ་པར་གཞག་པར་ལུང་བསྟན་པ་སྟེ། མཆིམས་མཛོད་ལས། འོ་ན་ལུང་བསྟན་པར་འགལ་ལོ་ཞེ་ན། དེ་དག་ཏུ་ལུང་མི་བསྟན་ཏོ་ཞེས་གཞག་པར་ལུང་བསྟན་པའི་ཕྱིར་འགལ་བ་མེད་དོ། །ཞེས་གསུངས། དོན་གཅིག་མིང་གི་རྣམ་གྲངས་ལ། གཞག་པར་བྱ་བའི་ལུང་དུ་མ་བསྟན་དང་། གཞག་པར་ལུང་བསྟན་པའོ། ། |
| Domain | ཆོས་ལུགས། |