8702
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕྱི་ལོའི་དུས་རབས་བཅུ་པའི་སྨད་དུ་མདོ་སྨད་ཡུལ་དུ་འཁྲུངས། ཅིག་ཅར་འཇུག་པའི་རྣལ་འབྱོར་པ་ཞེས་དགེ་བའི་ཕྱོགས་ཅི་ཡང་མི་བྱེད་པར་ལོག་རྟོག་གི་ལྟ་བ་འཛིན་པ་ཞིག་ཡིན། དེའི་ཚྭའི་མཚོ་རྒྱུད་རྨ་ལུང་རྡོ་རྗེའི་བྲག་དན་ཏིག་ཤེལ་གྱི་ཡང་དགོན་དུ་བཞུགས་པའི་བླ་ཆེན་དགོངས་པ་རབ་གསལ་གྱི་མཚན་སྙན་གསན། དན་ཏིག་ཤེལ་གྱི་ཡང་དགོན་དུ་བྱོན། བླ་ཆེན་དགོངས་པ་རབ་གསལ་ལས་འདུལ་བ་གསན སྔར་གྱི་ཅིག་ཅར་འཇུག་པའི་སྤྱོད་ལམ་དེ་ལྟ་བུ་ལ་ངོ་གནོང་ཞིང་སེམས་འགྱོད། ཚུལ་བཞིན་དུ་བླ་ཆེན་དགོངས་པ་རབ་གསལ་གྱི་དྲུང་དུ་རབ་བྱུང་བསྒྲུབས། འདུལ་བའི་བསྟན་པ་མདོ་ཁམས་སྨད་ནས་དར་བར་མཛད་རྗེས་ཆེན་པོ་བཞག།བླ་ཆེན་དགོངས་པ་རབ་གསལ་གྱི་གྲགས་ཆེ་བའི་སློབ་མ་བཅུའི་ཡ་གྱལ་ཞིག་ཡིན། |