8703
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཞང་ནི་སྨད་དམ་འདོམས་དང་བཤང་ལམ་བཅས་ལ་གོ་ཞིང་། གཞང་འབྲུམ་ནི་ནད་ཀྱི་གནས་དང་མཚན་ཉིད་ལ་ལྟོས་ནས་བཏགས་པའི་བཤང་ལམ་དུ་འབྲུམ་པ་འབྱུང་བའི་ལྷན་སྐྱེས་ཀྱི་རྨ་རིགས་ཤིག་གི་མིང་སྟེ། སློབ་དཔོན་དཔའ་བོས་མཛད་པའི་སྙིང་པོ་བསྡུས་པ་ལས། དགྲ་ལྟར་སྲོག་ཆགས་རྣམས་ཀྱི་ཚེ། གཞང་འབྲུམ་བྱུང་བས་གསོད་བྱེད་པས། དེ་ཕྱིར་བཤང་བའི་ལམ་འགེགས་པས། གཞང་འབྲུམ་ཞེས་ནི་བཤད་པ་ཡིན། ཞེས་གསུངས་པ་ལྟར་རོ། ། |
| Domain | གསོ་རིག |