87039
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དེ་སྒྲུབ་ཀྱི་རྩོད་གཞི་ཆོས་ཅན་དེའི་སྟེང་དུ། ཆོས་དེ་རང་གྲུབ་ཙམ་ནས་གཞི་གང་ཡང་རུང་བ་ཞིག་ཏུ་འགྱུར་ངེས་པར་སྒྲུབ་པ་ལ་རང་ལས་ཕྱིས་འབྱུང་གི་རྒྱུ་རྐྱེན་གཞན་ལ་ལྟོས་དགོས་པའི་རྟགས་ཀྱིས་ཆོས་ཅན་དེ་རང་གྲུབ་ཙམ་ནས་ཆོས་དེའི་ངོ་བོར་གྲུབ་པའམ་ངེས་པ་འགོག་པའི་རྟགས་ཡང་དག་ཅིག་ལ་ཟེར་བ་ཡིན་ཏེ། དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། ལྟོས་པས་ངེས་པ་འགོག་པའི་རྟགས་ཡང་དག་དང་། ངེས་པས་ལྟོས་པ་འགོག་པའི་རྟགས་ཡང་དག་གཉིས། མཚན་གཞི་རིམ་པ་ལྟར། གོས་དཀར་པོ་ཆོས་ཅན། རང་གྲུབ་ཙམ་ནས་ཚོན་ཅན་དུ་མ་ངེས་ཏེེ རང་ཉིད་ཚོན་ཅན་དུ་འགྱུར་བ་རང་ལས་ཕྱིས་འབྱུང་གི་རྒྱུ་ལ་ལྟོས་དགོས་པའི་ཕྱིར། ཞེས་བརྗོད་པའི་ཚེ་ན་དེ་དེ་སྒྲུབ་ཀྱི་ལྟོས་པས་ངེས་པ་འགོག་པའི་རྟགས་ཡང་དག་ཡིན། ཞེས་གསུངས་པའི་ཕྱིར། |
| Domain | ཚད་མ། |