87042

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྟོས་མེད་ཀྱི་གཏན་ཚིགས་ (1)
Part of speech མིང་ཚིག
Definition རང་ཉིད་འཇིག་པ་རང་ལས་ཕྱིས་འབྱུང་བའི་ཆོས་སམ་རང་དང་དུས་མཉམ་པའི་ཆོས་ལ་མི་ལྟོས་པར་རང་གྲུབ་ཙམ་ནས་འཇིག་པའི་ངོ་བོར་སྐྱེས་པར་སྒྲུབ་པའི་རྟགས་ཡང་དག་ཞིག་ལ་ཟེར་བ་ཡིན་ཏེ། དེ་ཡང་དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། འབྲེལ་བའི་རང་ལྡོག་སྒྲུབ་བྱེད་ལྟོས་མེད་ཀྱི་གཏན་ཚིགས་དང་། དོན་ལྡོག་སྒྲུབ་བྱེད་གནོད་པ་ཅན་ཀྱི་གཏན་ཚིགས་བཤད་པ། ཞེས་དང་། དང་པོ་ལ། རྟགས་འགོད་པ་དང་། ཚུལ་སྒྲུབ་པའོ། །དང་པོ་ནི། བྱས་པ་ཆོས་ཅན། རང་གྲུབ་ཙམ་ནས་འཇིག་ངེས་ཡིན་ཏེ། རང་ལས་ཕྱིས་འབྱུང་བའི་རང་ཉིད་འཇིག་རྒྱུ་དོན་གཞན་ལ་ལྟོས་མེད་ཀྱི་དངོས་པོ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར།
Domain ཚད་མ།