8705
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བད་ཀན་ལས་གྱུར་པའི་གཞང་འབྲུམ། རླུང་ལས་གྱུར་པའི་གཞང་འབྲུམ། ཁྲག་ལས་གྱུར་པའི་གཞང་འབྲུམ། མཁྲིས་པ་ལས་གྱུར་པའི་གཞང་འབྲུམ། སྐམ་པའི་གཞང་འབྲུམ། གཤེར་བའི་གཞང་འབྲུམ་མོ། །གཞང་འབྲུམ་ནད་ཀྱི་རྒྱུ་རྐྱེན་གཞི་མཐུན་དུ་བསྟན་པ་ནི། ཁྲུས་ཏེ་བཤལ་དྲགས་པ། བཤང་ལམ་གཅེའུས་བཙན་ཞེས་བཤང་ལམ་བསྣད་པ། སྟན་སྲབ་པོར་ཙོག་པུར་ཡུན་རིང་འདུག་པ་དང། བཤང་གཅི་ཧ་ཅང་བཙིར་དྲགས་པ་དང་། འཕྱེན་འགགས་པ་དང་། བཙིར་བ་དྲགས་པ། རྟ་སོགས་བཞོན་པ་བསྟེན་ནས་ཡུན་དུ་འགྲོ་བ་སོགས་ཀྱིས་ཐུར་སེལ་གྱི་རླུང་འཁྲུགས་ནས་གཞང་འབྲུམ་བསྐྱེད་པར་འགྱུར་བས་དེ་རིགས་སྤང་བར་བྱའོ། ། |
| Domain | གསོ་རིག |