87060

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྡང་ངི་ལྡིང་ངི་ (1)
Part of speech རྒྱན་ཚིག
Definition མཐོ་དམན་མི་སྙོམས་པའམ་ཐད་ཀར་མ་ཡིན་པར་དངོས་པོ་གང་ཞིག་གཡོ་འགུལ་བྱེད་པའི་ཚུལ་ཏེ།
Example བྱ་རྒོད་ཅིག་ལྡང་ངི་ལྡིང་ངིར་ཤར་ཕྱོགས་སུ་འཕུར་སོང་ལྟ་བུ།
ལྡང་ངི་ལྡིང་ངི་ (2)
Part of speech རྒྱན་ཚིག
Definition ལས་ཀ་ཕར་གཡོལ་ཚུར་གཡོལ་གྱི་དོན་ཏེ།
Example བྱ་བ་ལྡང་ངི་ལྡིང་ངི་མིན་པར་ཤར་ཤར་བྱེད་དགོས་ལྟ་བུ།