87064

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྡང་བ་བྱང་ཆུབ་ཀྱི་སེམས་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། བྱང་ཆུབ་ཀྱི་སེམས་བཅུའི་ཡ་གྱལ་ཞིག་སྟེ། སྨོན་པ་བྱང་ཆུབ་ཀྱི་སེམས་དེ་ལས་འཕགས་ཏེ་འབྲས་བུ་བདེན་གཉིས་དབྱེར་མེད་ཀྱི་དོན་ལ་ལན་རེ་ལྡང་བས་ལྡང་བ་བྱང་ཆུབ་ཀྱི་སེམས་ཞེས་བྱ། སེམས་འདི་ནི་སྦྱོར་ལམ་ས་གསུམ་པ་གལ་ཆེན་སྦྱོང་བའི་སར་དཔེ་མཚན་མོ་མེའི་འོད་ཟེར་ཆེན་པོ་ལྟར་རམ་སྐར་མ་ཆེན་པོའི་འོད་ཀྱི་སྣང་བ་ལྟ་བུར་ཆོས་ཉིད་ཀྱི་དོན་རྟོགས་པའི་རིག་པ་བྱང་ཆུབ་ཀྱི་སེམས་ཡིན་ཞིང་། དེ་ནི་གནས་སྐབས་བཅུ་ལས་བསླབ་པར་འཇུག་པའི་གནས་སྐབས་སུ་ཐོབ་པར་གསུངས་སོ། །
Domain ཆོས་ལུགས།