From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ལྡན་པ་རྣམ་པ་ལྔ་ (1)
| Part of speech
|
མིང་ཚིག
|
| Definition
|
བོན། མཆོད་པ་ཞིག་སྟེ། མདོ་གཟེར་མིག་ལས། མཆོད་པའི་ཡ་སྟགས་ལྡན་པ་རྣམ་པ་ལྔ། ཞེས་བྱ་སྟེ། དེ་ཉིད་ལས། དང་བའི་སེམས་དང་ལྡན་པ། གུས་པའི་ལུས་དང་ལྡན་པ། སྙན་པའི་སྒྲ་དང་ལྡན་པ། གཙང་མའི་ཟས་དང་ལྡན་པ། མཛེས་པའི་རྒྱན་དང་ལྡན་པ། དེ་ལྟར་ལྡན་པ་རྣམ་པ་ལྔས། ཞེས་བྱའོ། །
|
| Domain
|
ཆོས་ལུགས།
|
ལྡན་པ་རྣམ་པ་ལྔ་ (2)
| Part of speech
|
མིང་ཚིག
|
| Definition
|
ཡོན་ཏན་ཆ་ནས་ཡང་འཇོག་སྟེ། ལུས་གུས་ཕྱག་དང་ལྡན་པ། ངག་བཟླས་བརྗོད་དང་ལྡན་པ། ཡིད་བསྐྱེད་རྫོགས་དང་ལྡན་པ། ཡོན་ཏན་ཕུན་ཚོགས་དང་ལྡན་པ། འཕྲིན་ལས་ཚིག་བཤད་གཏང་རགས་དང་ལྡན་པ་དང་ལྔའོ། །
|