87090

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྡན་པའི་གཟུགས་ཅན་ (1)
Part of speech མིང་ཚིག
Definition གཟུགས་རྒྱན་ཉི་ཤུའི་ནང་གསེས་བརྒྱད་པ་སྟེ། དཔེ་ཅན་གང་གི་རྟེན་དང་བརྟེན་པ་གཉིས་ལྷན་ཅིག་ཏུ་འགྲོགས་པའམ་ལྡན་པ་དེ། དཔེའི་རྟེན་དང་བརྟེན་པ་གཉིས་ཀྱང་ཕན་ཚུན་འགྲོགས་པའམ་ལྡན་པ་ཞིག་གི་གཟུགས་སུ་བཀོད་པས། དཔེ་ཅན་དེ་དག་ལྷན་གཅིག་ཏུ་གནས་པར་མ་ཟད། དཔེ་རྣམས་ཀྱང་ལྷན་ཅིག་ཏུ་ལྡན་པའམ་འགྲོགས་པའི་གཟུགས་ཅན་ཞིག་ལ་ཟེར།
Example བོད་མཁས་པས། ཁྱོད་ལུས་ས་ཧཱ་ཀཱ་རའི་འཁྲི་ཤིང་གི ། ལང་ཚོའི་མེ་ཏོག་ཅི་ཡང་འབར་བས་ན། ། མྱུར་དུ་ནུ་མའི་འབྲས་བུར་དུད་འགྱུར་ཞེས། །ཤེས་ལྡན་འདབ་ཆགས་ཚོགས་འདི་ཅ་ཅོ་སྒྲོགས། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག