87093

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྡན་པའི་ནད་ཀྱི་དབྱེ་བ་བཅོ་བརྒྱད་ (1)
Part of speech མིང་ཚིག
Definition ༡ ལྡན་པ་རྣམ་གསུམ་གྱི་འཕེལ་བ་ནི་རླུང་མཁྲིས་གཉིས་སྟོབས་མཉམ་པར་འཕེལ་བ་རླུང་མཁྲིས་ལྡན་པའི་ནད། ༢ བད་མཁྲིས་སྟོབས་མཉམ་པར་འཕེལ་བ་བད་མཁྲིས་ལྡན་པའི་ནད། ༣ བད་ཀན་དང་རླུང་སྟོབས་མཉམ་པར་འཕེལ་བ་བད་རླུང་ལྡན་པའི་ནད་དང་གསུམ་མོ། །༤ སྟོབས་མཉམ་པར་ཟད་པའི་ལྡན་པའི་ནད་གསུམ་སྟེ། རླུང་མཁྲིས་མཉམ་པར་ཟད་པ། ༥ བད་མཁྲིས་མཉམ་པར་ཟད་པ། ༦ བད་རླུང་མཉམ་པར་ཟད་པ་དང་གསུམ་མོ། །༧ འཕེལ་བ་དྲུག་ནི་རླུང་རབ་ཏུ་འཕེལ་མཁྲིས་པ་ལྷག་པར་འཕེལ་བའི་རླུང་མཁྲིས་ལྡན་པ། ༨ རླུང་རབ་ཏུ་འཕེལ་བད་ཀན་ལྷག་པར་འཕེལ་བའི་བད་རླུང་ལྡན་པ། ༩ མཁྲིས་པ་རབ་ཏུ་འཕེལ་རླུང་ལྷག་པར་འཕེལ་བའི་རླུང་མཁྲིས་ལྡན་པ། ༡༠ མཁྲིས་པ་རབ་ཏུ་འཕེལ་བད་ཀན་ལྷག་པར་འཕེལ་བའི་བད་མཁྲིས་ལྡན་པ། ༡༡ བད་ཀན་རབ་ཏུ་འཕེལ་རླུང་ལྷག་པར་འཕེལ་བའི་བད་རླུང་ལྡན་པ། ༡༢ བད་ཀན་རབ་ཏུ་འཕེལ་མཁྲིས་པ་ལྷག་པར་འཕེལ་བའི་བད་མཁྲིས་ལྡན་པ་དང་དྲུག་གོ ། ༡༣ ཟད་པ་དྲུག་ནི་རླུང་རབ་ཏུ་ཟད་མཁྲིས་པ་ལྷག་པར་ཟད་པ། ༡༤ རླུང་རབ་ཏུ་ཟད་བད་ཀན་ལྷག་པར་ཟད་པ། ༡༥ མཁྲིས་པ་རབ་ཏུ་ཟད་རླུང་ལྷག་པར་ཟད་པ། ༡༦ མཁྲིས་པ་རབ་ཏུ་ཟད་བད་ཀན་ལྷག་པར་ཟད་པ། ༡༧ མཁྲིས་པ་རབ་ཏུ་ཟད་རླུང་ལྷག་པར་ཟད་པ། ༡༨ བད་ཀན་རབ་ཏུ་ཟད་རླུང་ལྷག་པར་ཟད་པའི་བད་རླུང་ལྡན་པའི་ནད་དང་དྲུག་བཅས་སོ། །
Domain གསོ་རིག