87097
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་དགུ་པའི་དཀྱིལ་དུ་མདོ་ཁམས་ལྡན་མ་ཁུལ་དུ་འཁྲུངས། ཆུང་དུས་ནས་ཡི་གེའི་སྦྱོར་དང་ཆོས་སྤྱོད་བཅས་ལ་སྦྱངས། མཁན་ཆེན་ཡོན་ཏན་དཔལ་གྱི་སྤྲུལ་སྐུར་ངོས་བཟུང་ནས་ཁྲི་འདོན་བྱས། རབ་བྱུང་དང་དགེ་ཚུལ་བསྒྲུབས་ཏེ་དབུས་སུ་ཕེབས། སེ་ར་ཐེག་ཆེན་གླིང་དུ་ཞུགས་ནས་གཞུང་ཆེན་བཀའ་པོད་ལྔར་མཁས་པར་སྦྱངས། པཎ་ཆེན་བསྟན་པའི་ཉི་མ་དང་། རྗེ་བསྐལ་བཟང་མཁས་གྲུབ་སོགས་ལསམདོ་སྔགས་ཀྱི་ཆོས་སྐོར་གསན། ལྷག་ཏུ་འཇམ་བཞད་སྐུ་ཕྲེང་བཞི་པའི་ཡབ་ཆེན་ལས་སྨན་གཞུང་ལ་སྦྱངས་པས་སྨན་པ་ཆེན་པོར་གྱུར། སློབ་མ་ནི་འཇམ་བཞད་བློ་བཟང་མཁས་གྲུབ་དང་། རྭ་སྒྲེང་ངག་དབང་ཡེ་ཤེས་བསྟན་པའི་རྒྱལ་མཚན་སོགས་མང་དུ་བྱོན། གསུང་རྩོམ་ནི་རང་གཞན་གྱི་གྲུབ་མཐའི་རྣམ་གཞག་ལེགས་བཤད་རབ་གསལ་ཤེལ་དཀར་མེ་ལོང་དང་། སྨན་མར་གྱི་ལག་ལེན་བཅུད་དུ་བསྡུས་པ་བདུད་རྩི། མངོན་རྟོགས་རྒྱན་གྱི་རྣམ་བཤད་གཉིས་ཀྱི་དཀའ་གནད་གསལ། དབུ་མ་ལ་ཐོས་བསམ་བྱ་ཚུལ་འཇམ་དབྱངས་ཞལ་ལུང་མཁས་པའི་དགོངས་རྒྱན། རྟོགས་པའི་ཉམས་མགུར་རྩོལ་མེད་ལྷུན་གྲུབ་བཅས་པོད་གསུམ་བཞུགས། མཚན་གཞན། འཁྲུལ་ཞིག་པ་གར་དབང་། |