87098

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྡན་མ་ཚུལ་ཁྲིམས་སེང་གེ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གསུམ་པའི་དཀྱིལ་དུ་འཁྲུངས། བོད་ཡུལ་ནས་ཐོག་མར་ཐོས་བསམ་མཛད། བལ་ཡུལ་དང་རྒྱ་གར་སོགས་པཎ་གྲུབ་དུ་མབསྟེན། རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ཡིག་ལ་ཕུལ་དུ་ཕྱིན་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་དཔལ་དུས་ཀྱི་འཁོར་ལོའི་བསྟོད་པ་རྒྱུན་ཆགས་པ་དང་། འཕགས་མ་སྒྲོལ་མ་ལ་བསྟོད་པ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། དེ་བཞིན་གཤེགས་པ་ལྔའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། དཔལ་རྣལ་འབྱོར་གྱི་རྒྱུད་ཀྱི་དཀྱིལ་འཁོར་གྱི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་ལྷ་སུམ་ཅུ་རྩ་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། རྗེ་བཙུན་འཕགས་མ་སྒྲོལ་མས་གསུངས་པའི་བཀྲ་ཤིས་བརྒྱད་པ། འཇིག་རྟེན་དབང་ཕྱུག་ལས་གྲུབ་པ་ཐོབ་པའི་ལོ་རྒྱུས་བཅས་བཞུགས།