87100

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྡན་མ་རྩེ་མང་ (1)
Part of speech མིང་ཚིག
Definition དུས་རབས་བརྒྱད་པའི་དཀྱིལ་དུ་ཁམས་ལྡན་དུ་འཁྲུངས། ཡི་གེར་འབྲི་བར་པས་གཏེར་ཡིག་ཕལ་ཆེར་བྲིས། ཡིག་གཟུགས་ཀྱི་ལག་རྒྱུན་མ་ཉམས་པའི་ཁྲིད་སྲོལ་ད་ལྟའང་ཡོད་པར་གྲགས། བོད་ཡིག་དབུ་མེད་ལ་བཀས་བཅད་མཛད་པར་བཤད། མཆན་བུའི་ལོ་ཙཱ་བ་ཡིན། སློབ་དཔོན་པདྨ་འབྱུང་གནས་ལས་དབང་ལུང་མན་ངག་མང་དུ་ཞུས།ཞ སྒོམ་སྒྲུབ་ཉམས་ལེན་ལ་འབུངས། ཆོས་ཐམས་ཅད་ལ་མི་བརྗེད་པའི་གཟུངས་ཐོབ། གྲུབ་མཐའ་ཤེལ་གྱི་མེ་ལོང་ལས་ལྡན་མ་རྩེ་མང་མི་བརྗེད་གཟུངས་རྣམས་ཐོབ། ཅེས་གསུངས་། རྗེ་འབངས་ཉེར་ལྔའི་ནང་ཚན་ཞིག་ཡིན། མཚན་གཞན། ལྡན་ཙེ་མང་།