87101
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅོ་ལྔ་པའི་ལྕགས་སྟག་ཕྱི་ལོ་ ༡༨༩༠ ལོར་མདོ་ཁམས་ལྡན་མ་ཁུལ་དུ་འཁྲུངས། ཆུང་དུས་ནས་ཆོས་སྒོར་ཞུགས། དགེ་བསྙེན་དང་། རབ་བྱུང་བསྒྲུབས། ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལེགས་པར་སྦྱངས། དབུས་ཀྱི་འབྲས་བློ་གསལ་གླིང་གི་ཆོས་སྒོར་ཞུགས། གཞུང་ཆེན་ལྔར་མཁས་པར་སྦྱངས། དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་མཛད། ང་ལྔ་པར་རྒྱ་ནག་རི་བོ་རྩེ་ལྔར་ཆོས་འཁོར་རྒྱ་ཆེར་བསྐོར། དྲུག་ཅུ་པ་རབ་བྱུང་བཅུ་དྲུག་པའི་ས་གླང་ཕྱི་ལོ་ ༡༩༤༩ ལོར་སྐུ་གཤེགས། གསུང་རྩོམ་ནི་ཚུལ་དང་ཚུལ་མ་ཡིན་པ་རྣམ་པར་འབྱེད་པའི་བསྟན་བཅོས་རིག་པའི་ཉིན་བྱེད་དང་། ཆོས་ཀྱི་དབྱངས་གསལ་བར་བྱེད་པའི་གཏམ་ཀླུ་སྒྲུབ་དགོངས་རྒྱན་དང་དེའི་རང་འགྲེལ་བཅས་པོད་ཆུང་གཅིག་བཞུགས། མཚན་གཞན། འབྲས་བློ་གླིང་དགེ་བཤེས་ངག་དབང་ཆོས་གྲུབ། |