87152
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བྱུར་ཐག་ཉི་ཤུའི་ནང་གསེས་ཤིག་སྟེ། ཨ་མ་སུ་ཞིག་ལོག་མེན་ལོ་ཤིང་བྱིའི་སྟེང་དུ་གནས་ལ་ཡོང་བར་ཆ་བཞག་ན། དེའི་བུ་མོ་ཡང་ལོག་མེན་ལོ་ཤིང་བྱིའི་སྟེང་དུ་གནས་ལ་འགྲོ་བ་ལྟ་བུ་མས་གང་གི་སྟེང་དུ་བག་བྱས་པའི་ལོག་མེན་ལོ་དེ་རང་གི་སྟེང་དུ་བག་བྱེད་པའི་བག་མ་ལ་ཟེར་ཞིང་། འདི་ལ་ལོ་འགྲོས་ལས་དབང་ཐང་གཅིག་མི་དགོས་པར་གསུངས་ཀྱང་། དབང་ཐང་ཡང་གཅིག་ན་སྙད་ཆེ་བར་འདོད། བག་མ་དེ་རིགས་ལ་བསོད་ནམས་ཆུང་ཞིང་བུ་ཚ་བྱར་མི་བཏུབ་པས། བཅོས་སུ་ཁྱི་གུའམ་རེའུ་གང་རུང་ཞིག་བག་མའི་ལག་ཏུ་གཏད་ནས་ཁྱེད་ཀྱི་བུ་སྐལ་འདི་བྱོས་ཟེར་ནས་ལབ་དགོས། |
| Domain | རྩིས་རིག |