87173

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྡུམ་བུ་རེ་རལ་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་ལྡུམ་བུ་ཐང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཆིག་སྐྱེས་རྟིང་བ་རིང་བ་རྫ་མདོག་ཅན་གྱི་ཕྱིར་ཉ་ཁྲབ་འདྲ་བའི་འདབ་ལྷེ་མང་ལ་ཚགས་དམ་པོ་ཡོད་ཅིང༌། ཨ་ར་འདྲ་བའི་རྩྭ་ཕྲན་ཡང་ཐར་ཐོར་ཡོད་པ་དང༌། ལོ་མ་སྔོ་ལྗང་ཆེ་བ་སྐྱེ་རིམ་གཉིས་ཀྱི་སྒྲོ་དབྱིབས་མང་པོ་ཡིན་ཞིང༌། རེ་རེའི་དབྱིབས་སྙུང་ལེབ་ཀྱི་རྒྱབ་ཏུ་གསེར་ཐིག་གྲུ་གུ་ལྟར་ཡོད་པ་ཁ་སྤྲོད་དུ་སྐྱེ་ཞིང༌། ངར་པ་ཐུང་ལ་མཉམ་པར་སྤུ་སེར་ཡོད་པ། སྤྱིའི་ལོ་མའི་ངར་པ་རིང་བ་གཞི་རྩ་ནས་མཉམ་དུ་སྐྱེ་བ་སྟེ། ཉིང་ཁྲི་ས་ཁུལ་དང༌། སྨན་གླིང༌། མཚོ་སྣ། གྲོ་མོ། རྫ་ཡུལ། ལྷ་ས་སོགས་ཀྱི་ནགས་ཚལ་གྱི་གསེབ་དང༌། སྲིབ་རི་སོགས་སུ་སྐྱེ་བ་མང་བ། རྩ་བ་བོད་ཟླ་བརྒྱད་པའི་ནང་བཏུས་ནས་གཙང་མར་བཀྲུས་རྗེས་ཨ་ར་དང་རྩ་བ་རྙིང་རུལ་རྣམས་མེད་པར་བཟོས་ཐོག་དུམ་བུར་གཏུབས་ནས་སྐམ་རྗེས་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་བསྐ་བ། ཞུ་རྗེས་མངར་བ། ནུས་པ་བསིལ་ལ་རྩུབ་པས་ཤ་དུག་དང༌། སྦྱར་དུག དུག་ཚད་སོགས་དུག་ནད་ཀུན་ལ་ཕན་པ་ཡིན། སྔོ་སྨན་ཞིག་དེའི་ནུས་པས་ཁྲག་གཅོད་པ་དང་འབུ་སྲིན་སེལ་བར་ཕན།