87188
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་པའི་སྟོད་དུ་པུ་རངས་སུ་ཡབ་མངའ་བདག་སྐྱིད་ལྡེ་ཉི་མ་མགོན་དང་། ཡུམ་ཅོག་རོ་བཟའ་ཟངས་ཁ་མ་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་ན་སོན་རྗེས་མངའ་རིས་ཟངས་དཀར་སྒོ་གསུམ་དང་། སྤི་ཏི། སྤི་ལྕོག་དང་བཅས་པ་བཟུང་ནས་ཆབ་སྲིད་བསྐྱངས། དཔའ་བོ་གཙུག་ལག་ཕྲེང་བས་འདི་ལས་ཡ་རྩེའི་རྒྱལ་རབས་བྱུང་བ་གསུངས་ཀྱང་། བོད་ཀྱི་ལོ་རྒྱུས་ཡིག་ཚང་མང་ཆེ་བས་ཡ་རྩེའི་རྒྱལ་རབས་ནི་བཀྲ་ཤིས་ལྡེ་མགོན་གྱི་གདུང་རྒྱུད་ལས་བྱུང་བ་གསུངས་པ་སོ་བཞག་བྱས་བཤད། བོད་ཀྱི་ལོ་རྒྱུས་སྟེང་དུ་གྲགས་པའི་སྟོད་ཀྱི་མགོན་གསུམ་ནང་གི་གཅིག་ཡིན། |