87227

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྡེམ་དགོངས་སྦྱོར་བའི་ཐེག་པ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་བསྟན་པའི་སྐུ་བཞིའི་སྟོན་པས་གདུལ་བྱའི་སྣོད་བཞིར་མཚོན་པའི་ཚིག་བཞིའི་ཡ་གྱལ་ཞིག་སྟེ། འདི་ལ་ལྡེམ་དགོངས་སྦྱོར་བའི་ཚིག་ཅེས་ཀྱང་བརྗོད། ལོངས་སྐུའི་བསྟན་པ་ལྟར་ལྡེམ་དགོངས་སྦྱོར་བའི་ཚིག་གིས་གསང་བའི་དོན་ལ་ཇི་ལྟར་འདུལ་བ་བཞིན་གཞུག་པའི་ཕྱིར་ལྡེམ་དགོངས་སྦྱོར་བའི་ཚིག་གམ་ཐེག་པ་ཞེས་བྱ་ལ། འདི་ནི་སྣོད་བཞི་ལས་རིགས་རྒྱུད་ཅན་གྱི་གདུལ་བྱའི་གཉེན་པོར་སྤྱོད་པའི་ལྡེམ་དགོངས་སུ་བསྟན་པའི་སྒོ་ནས་འདུལ་བར་བྱེད་པ་ཡིན།
Domain ཆོས་ལུགས།