87255

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྡོག་ (1)
Part of speech བྱ་ཚིག
Definition སྔར་གནས་ལ་སླར་འགྲོ་བའམ་འོང་བའི་དོན།
Keyword True
Example རང་ཡུལ་ལ་སོང་སྟེ་ཕྱིར་ལྡོག་པ་ལྟ་བུ།
Transitive བྱ་བྱེད་ཐ་མི་དད་པ།
Verb Form གཟུགས་མི་འགྱུར་བ།
ལྡོག་ (2)
Part of speech བྱ་ཚིག
Definition རྒྱབ་ཕྱོགས་སུ་འཁོར་བའི་དོན།
Keyword True
Example རྟ་ཁ་ཕྱིར་ལྡོག་པ། ལམ་ཁ་ནས་ཕྱིར་ལྡོག་པ་ལྟ་བུ།
ལྡོག་ (3)
Part of speech བྱ་ཚིག
Definition མི་མཐུན་པའི་བྱ་དངོས་གོ་ས་བརྗེ་བའི་དོན།
Example དཀར་ནག་གོ་ལྡོག ཉིན་མཚན་གོ་ལྡོག་ལྟ་བུ།
ལྡོག་ (1)
Part of speech མིང་ཚིག
Definition ལྡོག་པའི་བསྡུས་ཚིག
Domain ཚད་མ།