87256

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྡོག་ཁྱབ་ (1)
Part of speech མིང་ཚིག
Definition མདོ་སྡེ་བ། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱར་འགྲོ་རྒྱུ་དང་འབྲེལ་སྟོབས་ཀྱིས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་འགོད་ཚུལ་དང་མཐུན་པར་མེད་པ་ཉིད་དུ་ཚད་མས་ངེས་པ་དེ།
Example བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་བྱས་པ་ལྟ་བུའོ། །
Domain ཚད་མ།
ལྡོག་ཁྱབ་ (2)
Part of speech མིང་ཚིག
Definition བསྒྲུབ་བྱ་ལོག་ན་རྟགས་ལྡོག་པ་ནི་ལྡོག་པའི་ཚུལ་ལོ། །དེ་ཤེས་འདོད་ཀྱི་སྟེང་དུ་ངེས་མི་ནུས་པས་དཔེའི་སྟེང་དུ་ངེས་པར་བྱེད་དོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། ལྡོག་ཚུལ་གྱི་མཚན་ཉིད། རྟགས་ཆོས་ཀྱི་འབྲེལ་བ་མཐོང་བས་ཚད་མས་དྲངས་པའི་ངེས་ཤེས་ཀྱིས་རྟགས་སུ་དགོད་བྱ་མི་མཐུན་ཕྱོགས་ལ་བསྒྲུབ་ཚུལ་དང་མཐུན་པར་མེད་པ་ཉིད་དུ་ངེས་པའི་སྒོ་ནས་གཙོ་བོར་བསྒྲུབ་དགོས་པའི་རྟགས་ཀྱི་ཚུལ་ལོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །