87258

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྡོག་ཁྱབ་ཀྱི་མཚན་ཉིད་ཟུར་དུ་ངེས་པ་སྨོས་པ་ (1)
Part of speech མིང་ཚིག
Definition དེ་ཡང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། ངེས་པ་སྨོས་པ་ལ་དགོས་པ་ཡོད་དེ། ངག་སྨྲ་ངག་སྨྲའི་སྐྱེས་བུ་ཕ་རོལ་པོ་ཀུན་མཁྱེན་མ་ཡིན་པར་སྒྲུབ་པའི་ལྡོག་ཁྱབ་ཡིན་པ་བཅད་པའི་ཆེད་དུ་ཡིན་པའི་ཕྱིར། དེ་ལྟར་ཡང་། འཐད་ལྡན་ཆུང་བ་ལས། ངེས་པ་སྨོས་པས་ནི། མི་མཐུན་པའི་ཕྱོགས་ལས་བཟློག་པ་ལ་ཐེ་ཚོམ་ཟ་བ་བསལ་ཏོ། །ཞེས་གསུངས།
Domain ཚད་མ།