87259
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དགེ་ལུགས། མདོ་སྡེ་བ་དང་སེམས་ཙམ་པ་ཐུན་མོང། རྟགས་དེ་མི་མཐུན་ཕྱོགས་ལ་ཡོད་དམ་མེད་སྙམ་པའི་ཐེ་ཚོམ་སེལ་ནས། དེ་སྒྲུབ་ཀྱི་སྐབས་ཀྱི་ཕྱི་རྒོལ་ཡང་དག་ཡིན་ན་རྟགས་མི་མཐུན་ཕྱོགས་ལ་མེད་པར་ངེས་པ་ཞིག་དགོས་པ་ཤེས་པའི་ཆེད་དུ་ཡིན་ཏེ། དེ་ཡང་དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། དེའི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་ངེས་པ་སྨོས་པ་ལ་དགོས་པ་ཡོད་དེ། ངག་སྨྲའི་རྟགས་ཀྱིས་ངག་སྨྲའི་སྐྱེས་བུ་ཕ་རོལ་པོ་ཀུན་མཁྱེན་མ་ཡིན་པར་སྒྲུབ་པ་བཞིན་དུ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་འགལ་བ་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཡིན་པ་བཅད་པའི་ཆེད་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། |
| Domain | ཚད་མ། |