87261

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྡོག་ཁྱབ་ཀྱི་མཚན་ཉིད་ཟུར་དུ་ཉིད་མེད་པའི་སྔར་མ་སྨོས་པ་ (1)
Part of speech མིང་ཚིག
Definition དེ་ཡང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། ཉིད་མེད་པའི་སྔར་མ་སྨོས་པར་ཕྱིས་སྨོས་པ་ལ་དགོས་པ་ཡོད་དེ། རྩོལ་བྱུང་དུང་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཏུ་བསྟན་པའི་ཆེད་དུ་ཡིན་པའི་ཕྱིར། ཚིག་དེ་ལ་བརྟེན་ནས་དེ་ཡིན་པར་གོ་ནུས་ཏེ། རྩོལ་བྱུང་དུང་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ན་ཡིན་ཀྱང་། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཁོ་ན་ལ་མེད་པ་མ་ཡིན་པ་སྟེ། མཐུན་ཕྱོགས་རྩོལ་མ་བྱུང་གི་བྲག་རི་ལའང་མེད་པ་ཡིན་པའི་ཕྱིར་དེ་སྐད་བཤད་པར་བྱ་བའི་ཕྱིར། དེ་ལྟར་ཡང་། འཐད་ལྡན་ཆུང་བ་ལས། མེད་པའི་སྒྲའི་སྔ་རོལ་དུ་ངེས་པར་བཟུང་བར་བྱས་ན་ནི་དོན་འདིར་འགྱུར་ཏེ། མི་མཐུན་ཕྱོགས་ཉིད་ལ་མེད་པ་གང་ཡིན་པ་དེ་གཏན་ཚིགས་ཡིན་ལ་དེ་ལྟར་ན་ཡང་རྩོལ་བ་ལས་བྱུང་བ་ཉིད་མི་མཐུན་ཕྱོགས་ལ་ཡང་མེད་དོ། །དེའི་ཕྱིར་གཏན་ཚིགས་མིན་པར་འགྱུར་བས་དེ་ལྟར་ན་སྔར་མ་བྱས་པའོ། །
Domain ཚད་མ།